返回列表 发帖

转帖:文殊依怙萨迦班智达讲上师瑜伽的重要性

文殊依怙萨迦班智达讲上师瑜伽的重要性

原创: 班字尔慈智加措译  金刚戒海  1周前

འཇམ་མགོོན་ས་པཎ་མཆོག་གིས་བླ་མའི་རྣལ་འབྱོར་སྐོར་ལ་འདི་ལྟར་གསུངས།

      ས་སྐྱ་པཎ་ཆེན་གྱི་ཞལ་ནས། ཁོ་བོ་གཞོན་ནུའི་དུས་ན་བླ་མའི་རྣལ་འབྱོར་བསྒོམས་ནས་བླ་མའི་སྒྲུབ་པ་ཞིག་བྱེད་ལགས་པས་བླ་མའི་རྣལ་འབྱོར་ཞིག་གནང་བར་ཞུ་བྱས་པས། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་ཞལ་ནས། ཁྱོད་ཀྱིས་ང་ལ་སངས་རྒྱས་ཀྱི་འདུ་ཤེས་མི་སྐྱེ་ཁུ་བོའི་འདུ་ཤེས་སྐྱེ་སྟེ། ལུས་ལོངས་སྤྱོད་ཀྱི་སྒོ་ནས་བླ་མའི་ཕྱོགས་སུ་དཀའ་ཐུབ་མི་ནུས་གསུངས་ནས་གནང་དུ་མ་བཞེད། ཕྱིས་ཁོ་བོ་ལ་འཆི་ལྟས་འཇིགས་པ་ཞིག་ཀྱང་བྱུང་། ཁམས་ཀྱང་མ་བདེ་བ་ལ། དེ་སྐབས་བླ་མ་ཡང་སྐུ་ཁམས་མ་བདེ་བ་ཞག་འགའ་བྱུང་། དེ་དུས་ངས་ཉིན་མཚན་རྒྱུན་མ་ཆད་པར་གཉིད་དང་ཁ་ཟས་ཀྱི་འདུ་ཤེས་མ་བྱས་པར་བསྙུང་གཡོག་ཞབས་ཏོག་བྱས་པས་དེས་སྡིག་པ་ཚབས་ཆེན་དག་པ་འདྲ། དེ་ནས་གཟོད་ཀྱི་བླ་མའི་རྣལ་འབྱོར་གནང་ནས་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས་ནས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་འཕགས་པ་འཇམ་དཔལ་དུ་དངོས་སུ་མཐོང་། དེ་ཉིད་ཀྱིས་འཆི་ལྟས་ལས་ཀྱང་གྲོལ་ཁམས་ཀྱང་བདེ་བ་བྱུང་། དེ་ནས་སྒྲ་དང་ཚད་མ་དང་སྡེབ་སྦྱོར་དང་འདུལ་བ་དང་མངོན་པ་སོགས་ལུང་དང་རིགས་པའི་གནད་ཕྱིན་ཅི་མ་ལོག་པར་གཟོད་གོ །སྡེ་སྣོད་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་ཐོབ། ལྷ་འདྲེ་མི་གསུམ་ཀུན་ཀྱང་བྱམས་པ་བྱུང་། རྒྱ་ནག་རྒྱལ་བོ་ལ་སོགས་པའི་དྲེགས་ལ་ཅན་ཐམས་ཅད་ཀྱིས་ཆོས་ཞུ་བ་དང་གཙིགས་ཆེན་བྱེད་པའང་བྱུང་།  ནང་དུ་ཡང་དག་པའི་རྟོགས་པ་སྐྱེས། དེའི་ཚེ་བླ་མས་བསྙུང་བའི་ཚུལ་བསྟན་པ་དེ་ཁོ་བོ་ལ་ཕན་པའི་དོན་དུ་མཛད་པ་ཡིན་པར་གདའ། གཞན་དག་གིས་ཀྱང་དེ་ལྟར་བྱས་ན་ཚོགས་རྒྱ་ཆེན་པོ་རྫོགས་པ་འདུག་ཅེས་གསུངས་སོ།།

文殊依怙萨迦班智达讲上师瑜伽的重要性

      萨迦班智达说:“在我年轻的时候,想以修上师瑜伽而修上师法,所以请求上师瑜伽。(但是)至尊扎巴坚赞(对我)说:‘你不会对我生起真佛想,而只会当作你叔叔,对于上师,你不能以身财受用之门承受苦行。’就这样没有答允传法。后来,我遇到了死殁恶兆的怖畏,身体亦不适。在那个时候的有若干昼夜,上师的法体也欠安。于是,我废寝忘食,昼夜无间地照料侍奉上师。由此,似乎极为严重的罪障得以净除。上师这才传授了上师瑜伽法。我对上师也生起了真佛想,亲见上师为一切佛之体性——圣妙吉祥,并在死兆中也得以解脱出来了,身体亦变舒适了,从此起,对声明、因明、诗韵、戒律、对法(阿毗达磨)等一切教法与正理之扼要获得了无倒的理解,对一切三藏教典亦获得了无畏的辩才。一切天、鬼、人都对我极为慈爱。汉地国王等一切骄慢之辈亦向我求法,并深加敬重。内心也生起了清净的证悟功德。那时上师示现病相,原来是为了饶益我。如果其他人也能这样侍奉上师,亦定能圆满完成广大的资粮。”

——班字尔慈智加措敬译

返回列表